雲長王供養祈請金汁供養法
༄༅།།སྤྲིན་རིང་རྒྱལ་པོའི་གསོལ་མཆོད་ཀྱི་སྐབས་སུ་གསེར་སྐྱེམས་གཏོང་བ་འདོད་ན།།
ན་མོ་གུ་རུ་ཝེ།
南 无 咕 噜 唄
ཆང་རྒོད་ཀྱི་ཉིང་ཁུ་ལ་འབྲུ་སྨན་རིན་པོ་ཆེའི་ཕྱེ་མ་བཏབ་པ་ཕུད་ཕོར་གྱི་ནང་དུ་བླུགས་ལ་མདུན་དུ་བཞག།
雲長王供養祈請中欲另加金汁供養者,先備供碗。註入酒,茶汁亦可,並摻入谷、藥、珍寶粉末,置於面前。
བྷྲུཾ་ལས་གསེར་དངུལ་སོགས་ཀྱི་སྣོད་ཡངས་པོར།།
種字所生金銀廣器中
རྡོ་རྗེ་གསུམ་གྱིས་བདུད་རྩེར་བྱིན་བརླབས་པའི།།
以三金剛加持成甘露
གསེར་སྐྱེམས་འདོད་པའི་ཡོན་ཏན་ལྔ་དང་ལྡན།།
此妙金汁具足五欲德
མགྲོན་རྣམས་ཚིམ་པར་བྱེད་པའི་ནུས་ལྡན་གྱུར།།
其力能令諸賓得滿足
ཨོཾ་ཨཱཿཧཱུྃ།
嗡 啊 吽
ལན་གསུམ་བརྗོད།
( 三 次 )
དེ་ནས་ཕུད་ཕོར་ལག་ཏུ་ཐོགས་ཏེ།
(復次手托供碗誦)
ཀྱེེ༏
傑
སྔོན་གྱི་དུས་སུ་གྱུར་པ་ན།།
汝於往昔漢地中
རྒྱལ་པོ་ཆེན་པོའི་དམག་དཔོན་ཏེ།།
生為漢王之將軍
དེ་ནས་ལས་དང་རྐྱེན་དབང་གིས།།
次因宿業外緣力
སྟོབས་ལྡན་མི་མ་ཡིན་དུ་གྱུར།།
轉成具力大非人
དེ་ཚེ་ཆོས་ཉིད་མངོན་གྱུར་པ།།
後於現證法性師
ཊི་ཅེ་ཏཱ་ཞི་ཞེས་བྱ་བའི།།
名為智者大師者
ཧྭ་ཤང་སློབ་དཔོན་ཆེན་པོའི་དྲུང་།།
大阿阇黎和尚前
བསྟན་པ་བསྲུང་བ་ཞལ་གྱིས་བཞེས།།
承許護持正法教
མཚན་ནི་སྤྲིན་རིང་རྒྱལ་པོ་གྲགས།།
尊號稱為雲長王
ས་སྐྱོང་རྣམས་ཀྱི་དགྲ་ལྷ་སྟེ།།
乃諸國王大戰神
མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ།།
神力神變難思議
ཙི་ནའི་ཡུལ་གྲུ་ཀུན་ལ་དབང།།
統治支那各境域
རྡོ་རྗེ་བདུད་འདུལ་ཆེན་པོ་དང་།།
復現金剛大伏魔
སྲོག་བདག་ཟངས་ཀྱི་བེག་ཙེ་ཅན།།
命主手持銅棒者
རྫོང་བཙན་བཤན་པ་ལ་སོགས་པ།།
山寨屠夫等變化
རྣམ་འཕྲུལ་དུ་མས་བོད་ཡུལ་སྐྱོང།།
眾多化身護藏地
སངས་རྒྱས་བསྟན་པའི་སྲུང་མ་མཛད།།
請做佛教之護法
ཆོས་མཛད་ཡོངས་ལ་འཕྲིན་ལས་སྒྲུབ།།
為諸行者辦事業
བསྟན་སྲིད་ལ་གནོད་དགྲ་རྣམས་འཇོམས།།
摧壞政教之怨敵
བསྟེན་ཅིང་མཆོད་ལ་མགོན་སྐྱབས་བྱེད།།
保護依止供養者
ཀྱེེ༏
傑
ལྷ་ཁྱོད་དགྱེས་པ་བསྐྱེད་པའི་ཕྱིར།།
為令天尊歡喜故
གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི།།
此凈薦新金汁者
ལུས་བཏུད་སྙན་འཇེབས་གདངས་དང་བཅས།།
頂禮伴諸和雅音
གུས་པའི་ཡིད་ཀྱིས་འབུལ་ལོ་བཞེས།།
恭敬奉獻請納受
རྨད་བྱུང་གསེར་སྐྱེམས་དམ་པ་འདི།།
此妙稀有金汁者
འབྲས་བུ་བཟང་པོའི་ཉིང་ཁུ་ལ།།
妙果精華汁液中
རྩི་བཅུད་སྨན་གྱི་ཕབས་སྦྱར་ཞིང་།།
摻入蜂蜜及藥曲
རིན་ཆེན་གསེར་ཕྱེས་ནུས་བཅུད་ཕྱུངས།།
珍寶金粉長精力
གང་གི་བཏུང་བ་དེ་ཡི་ལུས།།
誰若飲用其身軀
སྟོབས་ཆེ་གཟི་བརྗིད་རྒྱས་བྱེད་ལ།།
神采赫奕氣力增
སྙིང་ལ་དགའ་བདེའི་སིམ་བ་སྟེར།།
令心安樂大悅豫
རྨད་བྱུང་འཆི་མེད་བཏུང་བ་འདིས།།
稀有無死之飲品
དགྲ་ལྷའི་རྒྱལ་པོ་བཀྭན་ཡུན་ཆང།།
戰神之王關雲長
བཙུན་མོ་སྲས་དང་བཅས་པ་དང་།།
王妃以及大公子
བཀྭན་ཕིང་ཀྲོའུ་ཚང་ལ་སོགས་པ།།
關平周倉等眷屬
ལས་བྱེད་ཕོ་ཉ་བྲན་གཡོག་དང།།
作業使者仆役等
གོ་གྱོན་མཚོན་ཐོགས་རུ་དར་ཅན།།
披堅執銳搖戰旗
འཇིགས་རུང་དཔའ་བོའི་དམག་གི་དཔུང་།།
可畏勇猛大軍眾
ས་གཞི་བར་སྣང་འགེངས་པ་ཀུན།།
充滿地上與虛空
གསོལ་ལོ་མཆོད་དོ་ཚིམ་བར་རོལ།།
奉獻供養願飽足
གསེར་སྐྱེམས་དམ་པ་འདི་བཞེས་ལ།།
納受所供妙金汁
བསྟན་པ་དར་ཞིང་བསྟན་འཛིན་རྣམས།།
弘揚聖教諸大德
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས།།
壽命堅固事業增
རྒྱལ་ཁམས་ཁ་ལོ་ཆོས་ལ་བསྒྱུར།།
正法調禦國疆土
ཁྱད་པར་བདག་ཅག་འཁོར་བཅས་ཀྱིས།།
尤其我等並眷屬
རེ་ཞིང་ལྟོས་ཚེ་མ་བསླུ་བར།།
仰賴汝時無欺誑
གང་བསམ་ཡིད་བཞིན་འགྲུབ་པ་ཡི།།
如意成辦所求事
སྡོང་གྲོགས་འཕྲིན་ལས་མ་གཡེལ་ཅིག།།
惠助事業願勿怠
(拋灑金汁,燃香奏樂)
本文系咕薩哩達麻班雜應具足信力庫倫呼倫貝爾大喇嘛與具足智眼十難論師鄔支圖達汗法王耶協紮巴之請而造,繕寫者昂旺彭措。
桑吉佛網
留言列表