རིམས་ནད་ཀུན་སེལ་རྟ་ཕྱག་ཁྱུང་གསུམ།
馬手大鵬三尊兩

~祕密主~.PNG
馬手大鵬三尊兩
རྟ་མགྲིན་བསྙེན་པ། ཨོཾ་ཧྲཱིཿ པདྨཱནྟ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།
馬頭明王心咒:
嗡班瑪卓達哈呀噶哇呵樂呵樂吽呸

རྟ་མགྲིན་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཁྲོ་བོའི་ཚུལ་དུ་སྤྲུལ་བ་ཡིན་ལ། དེ་ལ་གསོལ་བ་བཏབ་ན་སྲིན་པོ་དང་ལྷ་འདྲེ། ལྷ་སྲིན་སྡེ་བརྒྱད་སོགས་བདུད་ཀྱི་སྒྲིབ་པ་ཐམས་ཅད་འདུལ་ཞིང་། མ་རིག་པའི་སྒྲིབ་པ། རིམས་ནད། ནད་ཀྱི་སྡུག་བསྔལ། ངན་གཟུངས། ལོག་ཆོས་ཀུན་ཞི་ཞིང་། ཡི་དམ་འདི་བསྒྲུབ་ན་སྡུག་བསྔལ་ཞི་བའི་བདེ་བ་ཆེན་པོ་སྟོང་ཉིད་མངོན་དུ་གྱུར་པའི་གོ་འཕངས་ཐོབ་ལ། ཡི་དམ་གྱི་ཚོགས་སུ་རྟ་མགྲིན་ཁོ་ནའི་དབུ་རུ་རྟ་མགོ་གཅིག་གམ་གསུམ་ཡོད་ཅིང་། དེའི་མཚོན་དོན་ནི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་སྡིག་སྒྲིབ་ཀུན་ཞལ་དུ་བསྟབས་པའམ། འཇིགས་པ་སེལ་བའི་གཟུགས་སུ་ཤར་བའོ།།

馬頭明王是觀音菩薩的憤怒相,祈禱他可降伏羅剎、鬼神、天龍八部之一切魔障, 消無明業障、瘟疫、病苦、免一切惡咒邪法等。 修持此本尊法,可獲無痛苦之大樂空性成就果位。 諸本尊中唯有馬頭明王在髮髻上有一或三個馬頭。 此表徵為噉食一切眾生無明罪障,摧破諸恐而現之形。

ཕྱག་རྡོར་གྱི་བསྙེན་པ། ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ་ལས་སོ།།
金剛手菩薩心咒:
嗡班匝贊扎瑪哈若喀納吽帕

ཕྱག་ན་རྡོ་རྗེ་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནུས་མཐུ་ཡིན་ཅིང་། དེ་ཡང་མཐུ་ཆེན་ཐོབ་ཁྲོ་བོའི་གཟུགས་སུ་སྣང་བ་ཡིན་ལ། གསང་བའི་བདག་པོ་ཡང་ཡིན། ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཀྱི་བྱིན་གྱིས་བརླབ་པའི་་མི་འགྱུར་རྡོ་རྗེ་སྟེ། སངས་རྒྱས་ཀུན་གྱི་མི་འཇིགས་རྡོ་རྗེའི་ངོ་བོའོ།། དེ་ཡང་རིག་གསུམ་མགོན་པོའི་ཡ་གྱལ་ཏེ། མདོ་སྔགས་སློབ་པའི་གང་ཟག་སུ་ཡིན་ཡང་། བར་ཆད་དང་འཕྲད་ཚེ། གལ་སྲིད་ཕྱག་ན་རྡོ་རྗེ་ལ་གསོལ་བ་བཏབ་ན་བར་ཆད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཞི་བར་འགྱུར་རོ།། དེས་ན་ང་ཚོ་ཉམས་ལེན་གྱི་གེགས་དང་འཕྲད་ཚེའམ། བར་དོ་སྐབས་ཀྱི་དངངས་སྐྲག་སོགས་སུ་ཕྱག་ན་རྡོ་རྗེ་དྲན་པ་ཙམ་གྱིས་བར་ཆད་མཐའ་དག་སེལ་ལོ།།

金剛手菩薩是諸佛菩薩力量的總集,是大勢至菩薩的忿怒相,也是密法的結集者,十方三世諸佛加持金剛手菩薩成為堅固不壞之金剛,他是諸佛無壞之金剛本體。 金剛手菩薩也是三大怙主之一。 不管修學顯宗還是密宗,在遇違緣時,若能祈禱金剛手菩薩,便能使所有的違緣消於法界。 因此,我們如果遇到了修行障礙,或者面臨中陰的恐怖,只要憶念金剛手菩薩,就能使這些違緣全部遣除。

ཁྱུང་སྔགས་ནི། ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ།
大鵬金翅鳥心咒:
嗡寵嘎熱扎雜嘞雜嘞吽帕

སངས་རྒྱས་བྱང་སེམས་རྣམས་སེམས་ཅན་འགྲོ་དོན་དུ་བྱ་རྒྱལ་ཁྱུང་ཆེན་གྱི་གཟུགས་སུ་བྱོན་པས་གལ་སྲིད་སེམས་རྩེ་གཅིག་གིས་བྱ་རྒྱལ་ཁྱུང་ཆེན་ལ་གསོལ་བ་བཏབ་ན་ཕྱོགས་ལས་རྣམ་པར་རྒྱལ་ཞིང་མི་མ་ཡིན་དང་འདྲེ་གདོན་སོགས་ཀྱི་གནོད་པ། སྨྱོ་བརྒྱལ། བཅོས་དཀའ་བའི་ནད་སོགས་ལ་གཞན་དང་མི་འདྲ་བའི་ཕན་རླབས་ཡོད་དོ།།

佛菩薩為利益眾生而化現為大鵬形象。 若一心祈禱大鵬,能獲得無礙的威力,消除非人、鬼魔帶來的各種危害,對癲瘋、昏厥等藥物難以治療的疾患,有與眾不同的功效。

ཡེ་ཤེས་དྲི་མེད། • 益西智麥

༈ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
生生世世不離師

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
恆時享用勝法樂

ས་དང་ལམ་ཀྱི་ཡོན་ཏན་རབ་རྫོགས་ནས་།།
圓滿地道功德已

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
唯願速得金剛持

馬手大鵬三尊兩

arrow
arrow
    全站熱搜
    創作者介紹
    創作者 祕密主 的頭像
    祕密主

    祕密主的部落格

    祕密主 發表在 痞客邦 留言(0) 人氣()